presentation-2

ཨོ་རྒྱན་ནི་བལ་ཡུལ་དུ་སྐྱེས་བའི་བོད་པའི་སྒྱུ་རྩལ་བ་ཞིག་ཡིན་།ད་ལྟ་ཁོང་ཊོ་རོན་ཊོ་ལ་སྡོད་བཞིན་ཡོད་། ཁོང་གི་ཡབ་ལྷ་བྲིས་ཞིག་ཡིན་པའི་ཤུགས་རྐྱེན་བྱུང་པའི་རྐྱེན་ཆུང་དུས་ནས་ཁོང་ཐང་ག་དང་ཁ་གདན་བྲིས་པའི་ཉམས་མྱོང་ཡོད་རེད་།

འཕྲུལ་ཉམས་མཛུགས་སྐྲུན་དང་ཚོང་རྟགས་བཟོས་རྒྱུའི་ལས་ཀའི་ཞོར་དུ་ཨོ་རྒྱན་ཁོང་དང་ཁོང་གི་གྲོགས་མོ་ལྷ་མོ་མཉམ་དུ་འབྲོག་པ་ཛིན་འབོད་པའི་གློག་འཕྲིནབརྙན་དེབ་གི་འགན་ཁུར་གནང་བཞིན་ཡོད་། དེ་ཙམ་་མ་ཟད་ཟླ་འོད་ཟེར་པའི་མ་བསྐུལ་ལས་འཆར་རྒྱུད་ནས་འོས་འཕན་མི་ནུས་པའི་སྤྱི་ཚོགས་དང་གང་ཟག་རྣམས་ལ་འཕན་པའི་ལས་འཆར་མང་པོར་ཕྱག་ལས་གནང་བཞིན་ཡོད་།

ཨོ་རྒྱན་ཁོང་གི་བདེན་འཛིན་གི་བསམ་ཚུལ་ཞིག་ནི་རི་མོའི་འཆར་འགོད་ནི་བྲིས་པའི་སྐབས་སུ་སླེབས་པ་མ་གཏོགས་གོ་རིམ་འཆར་གཞི་དང་འབྲི་དེབ་ཁོ་ནའི་རྒྱུད་མི་སླེབས་།